[314A] །།རྒྱ་གར་སྐད་དུ། ཨཱ་ཁྱཱ་ཏ་ཏནྟྲོཏྟ་ར་བཛྲ་བཱ་ཧྱ་བཧི་དྷ་ནཱ་ད་བཱ་རཱ་ཧྱ་བཧི་བོ་དྷ་ནཾ་ནཱ་མ་ བོད་སྐད་དུ། ཕག་མོ་མངོན་པར་བརྗོད་པ་བཤད་པའི་རྒྱུད་ཕྱི་མ་ལས། ཕག་མོ་མངོན་པར་བྱང་ཆུབ་པ་ཞེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །དེ་ནས་རྣལ་འབྱོར་ བཤད་བྱ་བ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པའོ། །ཕྱི་མ་ལས་ཀྱང་ཕྱི་མ་སྟེ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཕག་མོ་ཡི་ནི་གཙོ་མོ་ཡང། །རྣལ་འབྱོར་རྣམས་ཀྱི་གྲུབ་སྟེར་ མའོ༑ ༑རྣལ་འབྱོར་མ་ལུས་རྣམས་ཀྱི་ཡང། །སྙིང་པོ་རྣལ་འབྱོར་བཏུས་པ་འོ། །སྒྲུབ་པ་པ་ལ་ཕན་དོན་ཕྱིར། །བླ་མའི་བརྒྱུད་པ་གསལ་བའོ། །ཕྱི་རོལ་རྣམ་རྟོག་མེད་པ་དང། ། ཀུན་ཏུ་དམ་ཚིག་ཆོས་ཉིད་དང། །སྤྱོད་དང་དོགས་པ་མེད་པ་དང་།ཀུན་ཏུ་སེར་སྣ་རྣམ་སྤངས་ཏེ། །ཚེས་གྲངས་དང་ནི་རྒྱུ་སྐར་མེད། །བསྙེན་གནས་ཆོ་ག་གཙོར་མེད་དེ། ། དག་དང་མ་དག་གཙང་ཡང་མེད། །ཆུ་ཡི་གཙང་སྦྲ་བྱ་བ་མེད་།དུས་དང་ཆོས་ལས་རྣམ་པར་གྲོལ། །གཙང་སྦྲའི་སྤྱོད་པ་རྣམ་པར་སྤངས། །རང་རྒྱུད་སྔགས་དང་རྣལ་འབྱོར་ ཤེས༑ ༑སེམས་ཅན་ཀུན་གྱི་དོན་བརྩོན་བས། །རི་སུལ་ཚང་ཚིང་ཕུག་རྣམས་དང། །ཆུ་བོའི་འགྲམ་དང་འདུས་པ་དང། །རྒྱ་མཚོ་ཆེན་པོའི་འགྲམ་དག་དང། །ཤིང་གཅིག་ [314B] །མ་མོའི་ཁྱིམ་དང་དུར་ཁྲོད་དང། །སྐྱེད་མོས་ཚལ་མཆོག་སྣ་ཚོགས་དང། །ལྷ་ཁང་དང་ནི་མཆོད་རྟེན་གནས། །ཁྱིམ་མམ་ཡང་ནི་བཞི་མདོ་རུ། །འདོད་པ་ ཐམས་ཅད་རབ་སྟེར་བའི། །སྒྲུབ་པ་པོ་ཡིས་བསྒྲུབ་པར་བྱ། །གནས་ནི་བསྟན་པར་བྱས་པའམ། །གང་དུ་ཡིད་ནི་དགའ་བ་རུ། །སྡོམ་པ་སྣ་ཚོགས་སྲུང་འདོད་པའི། །དེར་ནི་དངོས་ གྲུབ་ཡང་དག་འགྲུབ། །གདུལ་བྱའི་བསམ་པའི་སྦྱོར་བ་ཡིས། །སྒོམ་པའི་དབྱེ་བ་མང་པོའོ། །ཡེ་ཤེས་ལྔ་ཡི་བདུད་རྩི་ཡིས། །ས་གཞི་བྱུག་པ་བྱ་བ་དང། །བཟོད་པའི་ཕ་རོལ་ ཕྱིན་ནན་ཏན། །མེ་ཏོག་གཅལ་དུ་དགྲམ་པར་བྱ། །སྣ་ཚོགས་ཕྱག་རྒྱའི་གདན་དག་ལ། །གཏོང་བར་ཤིན་ཏུ་མཉམ་པར་བཞག་བསམ་གཏན་ཕ་རོལ་ཕྱིན་དམིགས་ཏེ། །སེམས་ ནི་རྩེ་གཅིག་པ་ཡིས་སུ། །ཚངས་པའི་གནས་ནི་བཞི་པོ་དང། །བསྡུ་བའི་དངོས་པོ་བཞི་དག་དང། །སེམས་ཅན་ཀུན་ལ་བདེ་འབྱུང་བའི་།དགེ་བ་བཅུ་ནི་དམིགས་པར་བྱའོ། །ཆོས་ རྣམས་སྟོང་པ་ཉིད་དུ་ནི། །ཕྱི་ནང་བདག་ཉིད་མཐོང་བྱ་སྟེ་།དེ་ནས་སེམས་ཙམ་དུ་གནས་ཏེ། །བྱང་ཆུབ་ཀྱི་ནི་ཚོགས་མཆོག་གོ་།སྙིང་གི་མཁའ་དབྱིངས་བད་དབུས་གནས། །ཉི་ མའི་དཀྱིལ་འཁོར་བསྒོམ་པར་བྱ། །ཡེ་ཤེས་ལྔ་ཡི་རང་བཞིན་ནི་།མཆོག་གི་དེ་ཉིད་དེར་མཐོང་སྟེ། །འོད་ཟེར་སྣ་ཚོགས་རང་བཞིན་བཟང། །ཀུན་ཏུ་རྣམ་པར་སྤྲོས་པ་ལས། ། [315A]༄༅། །སྔར་གྲུབ་རྣམས་ནི་ཡང་དག་བསྐུལ། །ནམ་མཁའི་ཁམས་ནི་ཉམས་དགའ་བར། །དཀྱིལ་འཁོར་དམ་པ་མཐོང་བ་སྟེ། །བྱིན་གྱིས་བརླང་པ་དག་ ཀྱང་ངོ། །ཏིལ་གྱི་གང་བུ་བཞིན་མཐོང་སྟེ། །ཁྲོ་བོ་ལྷ་མོ་ཐམས་ཅད་དང། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །བླ་མ་བྱང་ཆུབ་སེམས་དཔའ་དག་མཆོད་དང་མཆོད་ པ་བྱེད་པའི་བདག་ལྷ་མོ་རྣམ་པ་དགུ་མཐོང་སྟེ། །སངས་རྒྱས་ཚོགས་ཀྱི་སྤྲུལ་པ་སྤྲོ། །ཁྲོ་བོ་རྒྱལ་པོ་རྣལ་འབྱོར་མ། །འགྲོ་བ་རིགས་དྲུག་སེམས་ཅན་ཡང། །དེ་ནི་ སངས་རྒྱས་ཉིད་དུ་བཞག་ནམ་མཁའི་ཁམས་ཞེས་བྱ་བའི་དབུས་།དེ་ཉིད་དུ་ནི་ཞུགས་མཐོང་སྟེ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཐམས་ཅད་དུ་ནི་སྐྱབས་སུ་ མཆི༑ ༑སེམས་ཅན་མ་ལུས་གྱུར་པ་རྣམས། །སངས་རྒྱས་གོ་འཕང་ལ་བཞག་བྱ། །སྒྲུབ་པོས་དེ་ལ་གསོལ་བ་གདབ། །རྟག་ཏུ་སྐྱབས་སུ་གསོལ་བར་བྱ། །ཕུང་པོ་ ལྔ་ལ་ང་རྒྱལ་ནི། །སེམས་བཟང་པོ་ནི་བསྐྱེད་པར་བྱ། །གཟུགས་དང་ཚོར་དང་འདུ་ཤེས་དང། །འདུ་བྱེད་རྣམ་པར་ཤེས་ཉིད་ཀྱང་།བྲུཾ་ཨཾ་ཧྲཱི་ཧོཿ་ཧཱུཾ་ཞེས་པ། །རྣམ་ སྣང་རྡོ་རྗེ་ཉི་མ་དང། །དེ་བཞིན་པདྨ་གར་གྱི་དབང། །རྡོ་རྗེ་རྒྱལ་པོ་ཞེས་གྲགས་དང། །དེ་བཞིན་རྡོ་རྗེ་སེམས་དཔའ་མཆོག་།དེ་བཞིན་གཤེགས་པ་ཐམས་ཅད་ཉིད། ། [315B]མིག་དང་རྣ་བ་སྣ་དག་དང་།ལུས་དང་ངག་དང་དེ་བཞིན་ཉིད། །ཨོཾ་ཧཱུཾ་ཏྲཱཾ་ཨཱ་ཁཾ་ཧཱུཾ། །གཏི་མུག་ཞེ་སྡང་ཕྲག་དོག་དང། །འདོད་ཆགས་སེར་སྣ་ཉིད་ཀྱང་ ངོ༑ ༑སྐྱེ་མཆེད་ཀུན་ལ་རྡོ་རྗེ་དབང། །ས་དང་ཆུ་དང་མེ་དང་ནི། །རླུང་དང་ནམ་མཁའ་ཉིད་དང་ནི། །ལཱཾ་བཱཾ་པཱཾ་ཏཱཾ་ཁཱཾ་ཞེས་པས། །ལྟུང་བར་བྱེད་དང་གསོད་པ་དང། །འགུགས་ པར་བྱེད་དང་གར་བྱེད་ཉིད། །པདྨའི་དྲ་བ་ལྷ་མོ་ནི། །ནམ་མཁའ་དང་མཉམ་ལྟ་བུའོ། །དེ་ལྟར་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལ་རྣལ་འབྱོར་པ་ཐ་མལ་པའི་རང་བཞིན་ གྱིས་རང་བཞིན་ཡོངས་སུ་དག་པའི་ཆོས་ཐམས་ཅད་རང་གིས་ཡོངས་སུ་དག་པའོ་ཞེས་རྣམ་པར་དག་པའི་ང་རྒྱལ་བྱའོ། །དེའི་འོག་ཏུ་གསུམ་ལ་སྐྱབས་སུ་གསོལ་ཏེ། སྔགས་ ཀྱི་ལུས་སུ་འགྱུར་བར་བྱའོ། །བདག་ཉིད་ཧེ་རུ་ཀར་བསྒོམས་ཏེ། །སེམས་ཅན་ཀུན་གྱི་དོན་ཀྱང་བྱེད། །ཧེ་རུ་ཀ་ཡི་གནས་ཐོབ་པར། །བླ་ན་མེད་པའི་གོ་འཕང་ལ། །སེམས་ཅན་ ཐམས་ཅད་གཞག་པར་བྱ། །ཨོཾ་སྭ་བྷཱ་པ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོཉ་ཧཾ། ཞེས་ལན་གསུམ་བརྗོད་དོ། །ཉི་མའི་འོད་ཟེར་ཕྲེང་ལྟ་བུའོ། །དངོས་པོ་ཀུན་བརྩེ་ཕྱོགས་བཅུ་རུ། ། འོད་ཟེར་དེ་ལས་ར་བ་དང། །དེ་བཞིན་དུ་ནི་དྲ་བར་བལྟ། །རྡོ་རྗེ་ས་གཞི་བྱིན་གྱིས་བརླབས། །བླ་རེ་མདའ་ཡི་ར་བ་དང། །རྡོ་རྗེ་མེ་འབར་དྲ་བ་ནི། །དེ་ཡི་ཕྱི་རོལ་རིང་དུ་བསམ། ། [316A]༄༅། །ཨོཾ་མེ་དེ་ནཱི་བཛྲི་བྷ་པ་བཛྲ་བནྡྷ་ཧཱུཾ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་པཉྫ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་བི་ཏཱ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་ཤ་ར་ཛྭ་ལ་ཏྲཾ་སཾ་ཏྲཾ། །ཨོཾ་བཛྲ་ཛྭ་ལ་ ཨ་ན་ལཱརྐ་ཧཱུཾ་ཧཱུཾ་ཧཱུཾ། །མཛུབ་མོ་མཐེ་བོང་དག་སྦྱར་ཏེ། །སེ་གོལ་གཏོགས་ཏེ་ཕྱོགས་བཅུར་ཡང། །ཨོཾ་སུམ་བྷ་ནི་སུམ་བྷ་ཧཱུཾ་ཧཱུཾ་ཕཊ་ཤར་དུའོ། །ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ་བྱང་དུའོ། ། ཨོཾ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུཾ་ཧཱུཾ་ཕཊ་ནུབ་ཏུའོ། །ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བའན་བཛྲ་ཧཱུཾ་ཧཱུཾ་ཕཊ་ལྷོ་རུའོ། །སྔགས་ཀྱི་རྒྱལ་པོ་འདིས་བགེགས་ཐམས་ཅད་ཀྱི་མགོ་ལ་ཕུར་བུ་བཏབ་སྟེ་ གཡས་སྐོར་དང། གཡོན་པ་བསྐོར་བ་མ་ཡིན་པའོ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱ་ན་བིགྷྞཾ་ཧཱུཾ་ཕཊ། ཀཱི་ལི་ཀཱི་ལི་ཡ། སརྦ་པཱ་པཾ་ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱ་ཛྙཱ་ པ་ཡ་ཏི། སརྦ་དུཥྚཱ་ཎ་བི་གྷྞཱཾ་ཀཱ་ཡ་པཱ་ཀྩིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། བརྡུང་བར་བྱ་སྟེ། རྡོ་རྗེ་ཕུར་པ་ལ་ཁྲོ་བོའི་ལྟ་བས་བལྟས་ནས། གོ་རིམ་དང། གོ་རིམ་མ་ཡིན་པས་རྡོ་རྗེ་སྒྲུབ་པ་ པོས་བརྡུངས་ཏེ། ཨོཾ་བཛྲ་མུད་ག་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། བདུད་མེད་བདུད་ཀྱི་ལས་ཀྱང་མེད། །རང་གི་སེམས་ཀྱིས་བཅིངས་པ་བཞིན། །རང་གིས་རང་གི་སེམས་ འདུལ་ན། །གང་ལས་བདུད་ནི་གནས་པར་འགྱུར། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡང། །མཉམ་བཞག་དང་བས་དྲན་པར་བྱ། །ཨོཾ་མཧཱ་ཤཱུ་ནྱ་ཏཱཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཉཧཾ། ཨོཾ་ [316B]ཧཾ། ཨོཾ་ཨ་པྲ་ཎི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཉཧཾ། མིག་ཡོར་ཙམ་གྱི་ཡེ་ཤེས་ནི། །སེམས་ཙམ་རྣམ་པར་བརྟག་པར་བྱ། །ནམ་མཁའ་ ལྟ་བུའི་ཆོས་འདི་དག་ཆོས་ཅན་མེད་ཅིང་ཆོས་ཉིད་མེད། །ནམ་མཁའ་ལྟ་བུར་གོས་པ་མེད། །དངོས་པོ་མེད་ཅིང་རྟོག་པ་མེད། །སྙིང་རྗེའི་བདག་ཉིད་ཕན་བྱའི་ཕྱིར། །སྨོན་ ལམ་དབང་གིས་དམིགས་བྱ་སྟེ། །ཇི་སྲིད་ས་ཡི་འོག་དམིགས་པ། །རླུང་གི་དཀྱིལ་འཁོར་བསམ་པར་བྱ། །ཡཾ་གི་ཡི་གེ་ལས་འབྱུང་བ། །གཞུ་འདྲ་ཁ་དོག་སྔོ་དང་ལྡན། །རྒྱལ་ མཚན་གྱིས་མཚན་བསམ་བྱ་སྟེ། །དུ་བའི་ཕྲེང་བ་འཁྲིགས་པའོ་།དེ་ཡི་སྟེང་དུ་རཾ་ལས་ནི། །མེ་ཡི་དཀྱིལ་འཁོར་མཆོག་ཡིན་ཏེ། །ཟུར་གསུམ་པོ་ལ་ཁ་དོག་དམར། །འབར་ བའི་ཕྲེང་བ་འཁྲུག་ཅིང་དམར། །ཉི་མ་བྱེ་བ་ལྟ་བུར་གནས་།རྡོ་རྗེས་མཚན་པ་བསམ་པར་བྱ། །དེ་ཡི་སྟེང་དུ་ཆུ་ཉིད་ཀྱང་།པཾ་ལས་བུམ་པ་མཆོག་ཏུ་གྱུར། །ཟླུམ་ཞིང་འོད་ ཟེར་ཕྲེང་བར་ལྡན། །ཁ་བ་ལྟ་བུ་ཉིད་ཀྱང་ངོ། །དེ་ཡི་སྟེང་དུ་བསམ་བྱ་བ། །ལཾ་ལས་བྱུང་བ་སེར་པོར་ལྡན། །གྲུ་བཞི་པ་ལ་རྡོ་རྗེས་མཚན། །འོད་ཟེར་སེར་པོའི་ཚོགས་འཁྲུག་ པའོ༑ ༑དེ་སྟེང་རྣལ་འབྱོར་པ་བསྒོམས་པས། །རི་ཡི་རྒྱལ་པོ་རི་རབ་མཆོག་ཟུར་བཞི་རིན་ཆེན་བཞི་རང་བཞིན། །རྩེ་མོ་བརྒྱད་ཀྱིས་ཉེ་བར་མཛེས། །སུཾ་ལས་བྱུང་བ་བཟང་ [317A]༄༅། །པོའོ༑ ༑འོད་ཟེར་བཟང་པོ་མཆོག་གི་མཆོག་དེ་ཡི་སྟེང་དུ་བསྒོམ་བྱ་བ། །བྲུ་ལས་བྱུང་བ་བརྟག་པ་སྟེ། །དེ་ཡོངས་གྱུར་ལས་འཁོར་ལོ་མཆོག་ གཞལ་ཡས་ཁང་པ་རྣམ་པར་བསམ། །གྲུ་བཞི་པ་ལ་སྒོ་བཞི་པ་།རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །དྲ་བ་དྲ་བ་ཕྱེད་པས་སྤྲས། །དར་དང་མེ་ཏོག་ཆུན་བུས་བརྒྱན། ། གྲྭ་ཡི་ཆ་ནི་ཐམས་ཅད་དང། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ་།རྡོ་རྗེ་རིན་པོ་ཆེ་ཡིས་སྤྲས། །ཕྱི་ཡི་དཀྱིལ་འཁོར་ཐིག་གདབ་བྱ། །པད་མ་འདབ་མ་བརྒྱད་པ་བྲི། །སྣ་ཚོགས་ ཁ་དོག་མཆོག་གི་མཆོག་ལྟེ་བ་དང་ནི་གེ་སར་བཅས། །ཐམས་ཅད་དག་པ་ཉིད་ཀྱི་གདན། །དེ་ཡི་དབུས་སུ་ཟླ་བའི་ཆ། །གསལ་བའི་རང་བཞིན་དྲི་མ་མེད། །དེ་སྟེང་ཨཱ་ ལི་ཀཱ་ལི་ནི། །དབུས་སུ་བཾ་གྱིས་བརྒྱན་པའོ། །དེ་ཡི་དབུས་བཞེངས་གཙོ་མོ་ནི། །ཕག་མོ་རྡོ་རྗེ་རྣལ་འབྱོར་མ། །ཞལ་བཞི་ཕྱག་ནི་བཅུ་གཉིས་ཏེ། །སྤྱན་གསུམ་ཤིན་ཏུ་ཆགས་ པའོ༑ ༑གདན་ལ་ཕྱེད་དཀྱིལ་གྱིས་བཞུགས་ཏེ། །ཤིན་ཏུ་མཛེས་པས་གར་བྱེད་པའོ། །ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་བ། །ཕྱེད་ནི་དབུས་མ་དབང་ཕྱུག་ཞལ། །དཀར་དང་དམར་ དང་འདི་འདྲའི་གཟུགས། །ཐོད་པ་ཡི་ནི་དབུ་རྒྱན་མཛེས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བསམས། །པད་མ་བསྐོར་ཅིང་འཁོར་བར་ལྡན་།དཔྲལ་བར་ཕྱག་རྒྱ་འབར་བ་དང། །མི་ [317B] །ཐོད་པ་ཁ་ཊཱཾ་ག་འཛིན་ཅིང། །ཞགས་པ་ལྕགས་ཀྱུ་འཛིན་པ་བཞག་ཅང་ཏེའུ་གྲི་གུག་མགོ་བོ་ཡང། །ཞལ་བཞི་པ་ནི་ཚངས་པ་ཡི། །སྡོ་དང་སེར་དང་ ལྗང་གུ་ཡི། །བཟང་པོའི་ཞལ་གྱིས་ཉེ་བར་མཛེས། །ཞལ་ནས་མཆེ་བ་གཙིགས་པ་སྟེ། །ཟླ་བ་ཕྱེད་པས་སྟེང་དུ་བརྒྱན། །སྣ་ཚོགས་རྡོ་རྗེས་དབུ་རྒྱན་མཚན། །དངོས་གྲུབ་ཐམས་ཅད་ རབ་སྦྱིན་བྱེད། །ལྷ་མོ་ཕྱག་རྒྱ་དྲུག་གིས་བརྒྱན། །དུམ་བུ་བརྒྱད་པས་སྐ་རགས་ནི། །སྐ་རགས་སིལ་སིལ་སྒྲ་སྒྲོགས་པ། །རྐང་པའི་གདུབ་ཀྱིས་ཉེ་བར་མཛེས། །དཔུང་རྒྱན་མཛེས་ པར་བྱེད་པ་དང། །དཔྲལ་བར་རྡོ་རྗེ་ཕྲེང་བ་དང། །ཕྱག་རྒྱ་རྡོ་རྗེས་མཚན་པས་སོ། །ཤིན་ཏུ་གཟུགས་བཟང་ཡིད་དུ་འོང། །ཤར་གྱི་འདབ་མར་མཁའ་འགྲོ་མ། །སེང་གདོང་མ་སྟེ་ འཇིགས་པར་བྱེད། །བྱང་གི་ཕྱོགས་སུ་ཕག་གདོང་མ། །ལྷ་མོ་ལཱ་མ་འཇིགས་བྱེད་མ། །ནུབ་ཏུ་ལྷ་མོ་གླང་པོའི་གདོང། །དུམ་སྐྱེས་མ་སྟེ་དྲག་མ་འོ། །ལྷོ་རུ་ལྷ་མོ་གཟུགས་ཅན་མ། །རྟ་ ཡི་གདོང་པ་ལྷག་པའི་གཟུགས། །སྤྱན་གསུམ་སྣ་ཚོགས་གཟུགས་ཅན་མའོ། །ཐོད་པ་ཁ་ཊཱཾ་ག་འཛིན་ཅིང། །མགོ་བོ་གྲི་གུག་འཛིན་པ་ཅན། །གཅེར་བུ་སྐྲ་ནི་གྲོལ་བ་སྟེ། །གར་བྱེད་ པ་ཡིས་ཤིན་ཏུ་མཛེས། །ཡི་དྭགས་གདན་ལ་ཕྱེད་དཀྱིལ་གྱིས། །དྲག་ཅིང་གཏུམ་པ་འཇིགས་པ་འོ། །འཇིགས་བྱེད་དང་ནི་དུས་མཚན་མ། །ལྷ་མོའི་ཞབས་ཀྱི་འོག་ཏུ་མནན། ། [318A]༄༅། །མེ་ལ་སོགས་པ་མཚམས་བཞི་རུ། །བྱང་ཆུབ་སེམས་ལ་སོགས་པའི་སྣོད། །བུམ་པའི་སྟེང་དུ་རྣམ་པར་དགོད། །དུང་དང་ཀུན་ད་ཟླ་འདྲ་བའི། །བྱང་ ཤར་ལ་སོགས་ཕྱོགས་བཞི་རུ། །རྩིབས་དྲུག་པ་ཡི་འཁོར་ལོ་བྲི་།འཁོར་ལོའི་དབུས་སུ་བྲི་བྱ་བ། །རིགས་ཀྱི་ལྷ་མོ་བཞི་པོ་ནི། །ལྷ་མོ་ཡཱ་མ་ཀཱི་དང་སྤྱན། །སྒྲོལ་མ་ གོས་དཀར་མོ་དག་སྟེ། །སྔོ་དང་དཀར་དང་དམར་བ་སྟེ། །ལྷ་མོ་རྡོ་རྗེ་རིགས་དབང་ཕྱུག་དཀར་དང་སྔོ་དང་དམར་བ་ཡི། །ལྷ་མོ་རྟག་པའི་རིགས་ཡིན་ནོ། །ལྗང་གུ་ དཀར་དང་དམར་བ་ཡི། །ལྷ་མོ་ལས་ཀྱི་རིགས་ཡིན་ནོ། །དམར་དང་སེར་དང་ལྗང་གུ་ཡི། །ལྷ་མོ་པད་མའི་རིགས་ལས་བྱུང། །སྤྱན་གསུམ་སྐྲ་ནི་གྲོལ་བ་ཡིན། །ཕྱོགས་ ཀྱི་གོས་ནི་འཛིན་པ་ཡིན། །རྒྱན་རྣམས་ཐམས་ཅད་ཡང་དག་རྫོགས་།ཕྱག་རྒྱ་དྲུག་གིས་རྣམ་པར་བརྒྱན། །ཐོད་པ་ཁ་ཊཱཾ་ག་འཛིན་ཅིང། །རང་གི་མཚན་མ་རྣམ་པ་ བཞི༑ ༑རྡོ་རྗེ་འཁོར་ལོ་རྒྱ་གྲམ་དང། །པད་མ་དམར་པོ་མཆོག་གི་མཆོག་དེ་བཞིན་ཐམས་ཅད་དྲིལ་བུ་འཛིན། །པདྨ་སྐོར་བ་བྱེད་པ་འོ། །བདུད་བཞི་པོ་ནི་ཞབས་ཀྱིས་ མནན། །གར་དང་བཅས་ཤིང་བཞད་པའི་ཞལ། །སྣ་ཚོགས་པད་མ་ཟླ་དབུས་བཞུགས། །རིགས་ཀྱི་དངོས་གྲུབ་རང་བཞིན་བྱེད། །མགོ་དང་ཅང་ཏེའུ་ཕྱག་ན་བསྣམས། ། [318B] །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །མགོ་བོས་ཕྲེང་བས་བརྒྱན་པའོ། །མཚམས་ཀྱི་ཆ་ནི་ཐམས་ཅད་དུ། །གནས་ལ་སོགས་པའི་རིམ་པ་དགོད། ། ཤར་གྱི་འཁོར་ལོ་རྩིབས་དྲུག་ལ། །ལྷ་མོ་ཇི་ལྟར་རྗེས་མཐུན་དགོད། །འཁོར་ལོའི་རྩིབས་དྲུག་དང་པོ་ལ། །པཱུལླིར་མ་ཡར་རབ་གཏུམ་མའོ། །རྩིབས་གཉིས་པ་ལ་ཛཱ་ལན་ དྷ་ར་ར་གཏུམ་པའི་མིག་ཅན་ནོ། །གསུམ་པ་ཨུདྱན་དུ་འོད་ལྡན་མའོ་།བཞི་པ་ཨར་བུ་དར་སྣ་ཆེན་མོའོ། །ལྔ་པ་གོ་ད་བ་རིར་བརྟན་པའི་བློ་ཅན་མའོ། །དྲུག་པ་རཱ་མེ་ཤྭ་རར་ མིའུ་ཐུང་མའོ། །གཉིས་པ་བྱང་གི་འཁོར་ལོ་རྩིབས་དྲུག་པ་ལ་།དང་པོ་དེ་བི་ཀོ་ཊིར་ལཾ་ཀའི་དབང་ཕྱུག་མའོ། །གཉིས་པ་མཱ་ལ་ཡར་ཤིང་གྲིབ་མའོ། །གསུམ་པ་ཀཱ་མ་རུ་པར་ས་སྲུང་ མའོ༑ ༑བཞི་པ་ཨོ་ཊེར་འཇིགས་བྱེད་ཆེན་མོའོ། །ལྔ་པ་ཏྲི་ཤ་ཀུ་ནི་ར་རླུང་གི་ཤུགས་ཅན་མའོ། །དྲུག་པ་ཀོ་ས་ལར་ཆད་འཐུང་མའོ། །གསུམ་པ་ནུབ་ཀྱི་འཁོར་ལོ་རྩིབས་དྲུག་གི་ ཤར་གྱི་འཁོར་ལོའི་རྩིབས་དང་པོ་ལ་ཀ་ལིཾ་ཀར་ལྗང་ལྷ་མོའོ་།གཉིས་པ་ལཾ་པ་ཀར་ཤིན་ཏུ་བཟང་མོའོ། །གསུམ་པ་ཀཉྩི་ཀཱར་རྟ་རྣ་མའོ། །བཞི་པ་ཁ་བ་ཅན་དུ་བྱ་གདོང་མའོ། །ལྔ་ པ་པྲེ་ཏ་པུ་རི་ར་འཁོར་ལོའི་ཤུགས་ཅན་མའོ། །དྲུག་པ་གྲྀ་ཧ་དེ་བ་ཏཱ་ར་དུམ་སྐྱེས་མའོ། །བཞི་པ་ལྷོའི་འཁོར་ལོའི་རྩིབས་ཀྱི་ཤར་དུ་སཽ་རཥྚ་ཆད་འཚོང་མའོ། །གཉིས་པ་གསེར་ [319A]༄༅། །གླིང་དུ་འཁོར་ལོའི་གོ་ཆ་མའོ། །གསུམ་པ་ནཱ་ག་རར་ཤིན་ཏུ་དཔའ་མོའོ། །བཞི་པ་སིནྡྷུར་སྟོབས་ཆེན་མའོ། །ལྔ་པ་མ་རུར་འཁོར་ལོས་བསྒྱུར་མའོ། ། དྲུག་པ་ཀུན་ལུ་ཏཱར་བརྩོན་འགྲུས་ཆེན་མོའོ། །དང་པོ་དཀར་ལྗང་ཐོད་པ་དང། །ཁ་ཊཱཾ་ག་དང་འཁོར་ལོ་དང། །ཅང་ཏེའུ་དང་གྲི་གུག་གོ་གཉིས་པ་བྱང་དུ་ལྗང་སེར། རྡོ་རྗེ་ དང༑ ཐོད་པ་དང། ཁ་ཊཱཾ་ག་དང། ཅང་ཏེའུ་དང། གྲི་གུག་གོ་།གསུམ་པ་ནུབ་ཏུ་དམར་སེར་ཐོད་པ་དང། ཁ་ཊཱཾ་ག་དང། པད་མ་དང། ཅང་ཏེའུ་དང། གྲི་གུག་གོ་བཞི་པ་ ལྷོའི་ལྷ་མོ་སེར་དམར་སྣ་ཚོགས་རྡོ་རྗེ་དང། ཅང་ཏེའུ་དང། གྲི་གུག་དང། ཐོད་པ་དང། ཁ་ཊཱཾ་ག་འཛིན་པའོ། །ལྷ་མོ་ཐམས་ཅད་བུད་མེད་ཕྱེད་དབང་ཕྱུག་སྤྱན་གསུམ་པ་ ཕྱག་བཞི་བ། གཅེར་བུ། སྐྲ་གྲོལ་བ། ཕྱེད་དཀྱིལ་གྱི་གར་གྱི་ཞབས་ཀྱིས་བཞུགས་པ། ཡི་དྭགས་ཀྱི་གདན་གྱི་སྟེང་ན་ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། ཕྱག་རྒྱ་ ལྔས་བརྒྱན་པ། རྐང་གདུབ་དང། སྐ་རགས་དང། དབུ་རྒྱན་རྣམས་རྡོ་རྗེས་མཚན་པའོ། །དེ་ནས་འཁོར་ལོ་ཕྱི་བསྐོར་ཏེ། རྡོ་རྗེའི་ཕྲེང་བ་ཤར་དུ་འོ། །འཁོར་ལོའི་ཕྲེང་བ་ བྱང་དུ་འོ། །སྣ་ཚོགས་རྡོ་རྗེའི་ཕྲེང་བ་ནུབ་ཏུའོ། །པདྨའི་ཕྲེང་བ་ལྷོ་རུའོ། །དབུས་སུ་རྡོ་རྗེ་ར་བས་མཛེས། །མཚམས་ཀྱི་ཆ་རྣམས་ཐམས་ཅད་དུ། །སྣ་ཚོགས་རྡོ་རྗེ་ཡང་དག་ [319B] ༑བློ་ལྡན་དེ་ཡི་ཕྱི་རོལ་བསྐོར། །ཡི་དྭགས་ཕྲེང་བ་སྣ་ཚོགས་ལྡན། །ཕྱི་རོལ་དཀྱིལ་འཁོར་སྒོ་རྣམས་དང། །མཚམས་ཀྱི་ཆ་ནི་བཞི་རྣམས་སུ། །མཁའ་འགྲོ་དྲག་པོའི་གཟུགས་ ཅན་ནོ། །དེ་ལ་མཉམ་པར་གཞག་པས་དགོད། །ཁྭ་གདོང་མ་ནི་ཤར་དུ་དགོད། །ཁ་དོག་སྔོན་པོ་ཡིད་འཕྲོག་མའོ། །འུག་གདོང་མ་ནི་བྱང་གི་སྒོར། །དམར་ཞིང་ལྗང་ལ་ མཛེས་པའོ། །ཁྱི་གདོང་མ་ནི་ནུབ་ཀྱི་སྒོར། །དྲག་ཅིང་སེར་མོ་དུ་བ་འདྲ། །ལྷོ་ཡི་ངོས་སུ་ཕག་གདོང་མ། །ལྗང་ཞིང་སྔོ་བའི་གཟུགས་ཅན་མའོ། །སྤྱན་གསུམ་དྲག་པོ་འཇིགས་ པའོ༑ ༑ཕྱོགས་ཀྱི་གོས་ནི་འཛིན་པའི་མཆོག་འབྲུ་ཚུགས་བལྟ་ཞིང་བོང་ཐུང་མ། །གཡས་བརྐྱང་བ་ཡི་ཞབས་ཀྱིས་བཞུགས། །སྣ་ཚོགས་པདྨ་ཉིད་བུས་གནས། །ཕྱག་རྒྱ་ལྔས་ ནི་རྣམ་པར་བརྒྱན། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །དབུ་སྐྲ་གྲོལ་ཞིང་རྣམ་པར་བརྟགས། །གཤིན་རྗེ་བརྟན་མ་མ་ཧེ་གདོང་།མེ་ཡི་ཕྱོགས་སུ་བཞུགས་པའོ། །གཤིན་རྗེ་ ཕོ་ཉ་བོང་བུའི་གདོང། །བདེན་བྲལ་གྱི་ནི་ཕྱོགས་སུ་བཞུགས་།གཤིན་རྗེའི་མཆེ་བ་རྔ་མོའི་གདོང། །རླུང་དུ་རྟེན་ཅིང་དྲག་པོར་ལྡན། །གཤིན་རྗེ་འཇོམས་མ་རྟ་ཡི་གདོང། ། དབང་ལྡན་རྟེན་ཅིང་རྣམ་པར་འཁོར། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །སྣ་ཚོགས་གཟུགས་ཅན་ཡིད་འཕྲོག་མ། །གཅེར་བུ་སྐྲ་ནི་གྲོལ་བ་དང། །ཕྱེད་དཀྱིལ་གྱི་ནི་གར་དང་ [320A]༄༅། །ལྡན༑ ༑མཆེ་བ་རྣམ་པར་གཙིགས་པའི་ཞལ། །སྤྱན་གསུམ་ཞལ་ནི་གཡོ་བ་སྟེ། །སྣ་ཚོགས་པདྨ་ཉི་དབུས་གནས། །འདོད་པ་དྲག་པོས་བརྟག་ པའོ༑ ༑འཁོར་གྱི་ལྷ་མོ་དཀྱིལ་འཁོར་རྣམས། །ཐམས་ཅད་ཡི་དྭགས་སྟེང་དུ་བཞུགས། །ཐོད་པ་ཁ་ཊཱཾ་ག་འཛིན་ཅིང། །གྲི་གུག་མགོ་བོ་འཛིན་པར་བྱེད། །ལག་པ་གཡོན་ ན་རྔ་ཆུང་ནི། །རྡུང་བར་བྱེད་ཅིང་ཤིན་ཏུ་འཇིགས། །ཕྱི་རོལ་བསྐོར་བའི་རྣམ་པ་ནི། །གཞན་ཡང་རྣམ་པ་མང་པོར་འགྱུར། །གླུ་དང་གར་གྱི་ཡོ་བྱད་དང། །སྣ་ཚོགས་ དམ་ཚིག་མཆོག་རྣམས་དང། །སྤོས་དང་མེ་ཏོག་མར་མེ་སོགས། །དྲི་དང་ཕྲེང་བ་བྱུག་པ་དང། །ལྷ་ཡི་ན་བཟའ་གཞལ་ཡས་ཁང་།ལྷ་ཡི་རོལ་མོ་མཆོག་གི་རྣམས། ། ཀུན་ནས་ཡོངས་སུ་བསྐོར་བ་ཡིས། །ཕྱི་ཡི་རྣལ་འབྱོར་མས་མཆོད་བྱེད། །དེ་ལ་སོགས་པ་མཐའ་ཡས་མཆོག་ནམ་མཁའི་ཁམས་ནི་ཡོངས་གང་ལས། །རྣལ་འབྱོར་ མ་ཡི་སྦྱོར་པ་མཆོག་ཕག་མོ་མངོན་པར་འབྱུང་བའི་མཆོག་གསང་བ་ཆེན་པོའི་མཆོག་འདི་ནི། །ཅུང་ཟད་སྨྲ་བར་མི་བྱ་སྟེ། །ཕྱི་རོལ་ཡི་དྭགས་ཕྲེང་བ་དང། །དཀྱིལ་ འཁོར་དམ་པ་བསྒོམ་པར་བྱ། །འདི་ལྟར་དགོད་པར་བྱ་བ་ནི། །ཇི་ལྟར་འཁོར་ལོ་དེ་རྣམས་དགོད། །སེན་མོ་དང། སོ་དག་ལ་ནི་རབ་ཏུ་གཏུམ་མའོ། །སྐྲ་དང། བ་སྤུ་དག་ལ་གཏུམ་ [320B] །པགས་པ་དང། དྲི་མ་དག་ལ་འོད་ལྡན་མའོ། །ཤ་ལ་སྣ་ཆེན་མའོ། །རྩ་རྒྱུས་ལ་བརྟན་པའི་བློ་ཅན་མའོ། །རུས་པ་ལ་མིའུ་ཐུང་མའོ། །མཁལ་མ་ལ་ལང་ ཀའི་དབང་ཕྱུག་མའོ། །སྙིང་ལ་ནི་ཤིང་གྲིབ་མའོ། །མིག་ལ་སྲུང་མའོ། །མཁྲིས་པ་ལ་འཇིགས་བྱེད་ཆེན་མོའོ། །གློ་བ་ལ་རླུང་གི་ཤུགས་ཅན་མའོ། །རྒྱུ་མ་ལ་ཆང་འཐུང་ མའོ༑ ༑གཉེ་མ་ལ་ལྗང་ལྷ་མོའོ། །ལྟེ་བ་ལ་ཤིན་ཏུ་བཟང་མོའོ་།རྐང་པ་ལ་རྟ་རྣ་མའོ། །འདོམས་སུ་བྱ་གདོང་མའོ། །བད་ཀན་ལ་འཁོར་ལོའི་ཤུགས་ཅན་མའོ། །རྣག་ལ་ དུམ་སྐྱེས་མའོ། །ཁྲག་ལ་ཆང་འཚོང་མའོ། །རྡུལ་ལ་འཁོར་ལོའི་གོ་ཆ་མའོ། །ཚིལ་ལ་ཤིན་ཏུ་དཔའ་མོའོ། །མཆིན་པ་ལ་ཤིན་ཏུ་སྟོབས་ཅན་མའོ། །མཆིལ་མ་ལ་འཁོར་ ལོས་བསྒྱུར་མའོ། །སྣབས་ལ་བརྩོན་འགྲུས་ཆེན་མོའོ། །པཱུ་ལླི་ར་མ་ལ་ཡ་སྟེ་མགོ་ལ་རབ་ཏུ་གཏུམ་མའོ། །ཛཱ་ལན་དྷ་ར་སྟེ་སྤྱི་གཙུག་ལ་གཏུམ་པའི་མིག་ཅན་མའོ། །ཨུཌྱྱན་ ཏེ་རྣ་བ་གཡས་པ་ལ་འོད་ལྡན་མའོ། །ཨར་བུ་ཏ་སྟེ་ལྷག་པར་སྣ་ཆེན་མའོ། །གོ་ད་མ་རི་སྟེ་རྣ་བ་གཡོན་པ་ལ་བརྟན་པའི་བློ་ཅན་མའོ། །རཱ་མེ་ཤྭ་ར་སྟེ་སྨིན་མའི་དབུས་སུ་མིའུ་ ཐུང་མའོ༑ ༑དེ་བི་ཀོ་ཊ་སྟེ་མིག་གཉིས་སུ་ལང་ཀའི་དབང་ཕྱུག་མའོ། །མའུ་ལ་ཝཱ་སྟེ་ཕྲག་པ་གཉིས་ལ་ཤིང་གྲིབ་མའོ། །ཀཱ་མ་རུ་པ་སྟེ་མཆན་ཁུང་གཉིས་སུ་ས་སྲུང་མའོ། །ཨོ་ [321A]༄༅། །ཌི་སྟེ་ནུ་མ་གཉིས་སུ་འཇིགས་བྱེད་ཆེན་མོའོ། །ཏྲི་ཤ་ཀུ་ནི་སྟེ་ལྟེ་བ་ལ་རླུང་གི་ཤུགས་ཅན་མའོ། །ཀོ་ས་ལ་སྟེ་སྣ་རྩེར་ཆང་འཐུང་མའོ། །ཀ་ལིཾ་ཀ་སྟེ་ཁ་ ལ་ལྗང་ལྷ་མོའོ། །ལཾ་བ་ཀ་སྟེ་མགྲིན་པར་ཤིན་ཏུ་བཟང་མོའོ་།ཀཉྩི་སྟེ་སྙིང་གར་རྟ་རྣ་མའོ། །ཧི་མ་ལ་ཡ་སྟེ་འདོམས་སུ་བྱ་གདོང་མའོ། །པྲེ་ཏ་པུ་རི་སྟེ་གསང་བར་འཁོར་ ལོའི་ཤུགས་ཅན་མའོ། །གྲྀ་ཧ་དེ་བ་ཏཱ་སྟེ་བཤང་ལམ་དུ་དུམ་སྐྱེས་མའོ། །སཽ་རཱཥྚ་སྟེ་བརླ་གཉིས་ལ་ཆང་འཚོང་མའོ། །སུ་བརྣ་དྭི་པ་སྟེ་རྗེ་ངར་གཉིས་ལ་འཁོར་ལོའི་གོ་ ཆ་མའོ། །ནཱ་ག་ར་སྟེ་སོར་མོ་རྣམས་ལ་ཤིན་ཏུ་དཔའ་མོའོ་།སིནྡྷུ་སྟེ་རྐང་པའི་བོལ་ལ་སྟོབས་ཆེན་མའོ། །མ་རུ་སྟེ་མཐེ་བོང་གཉིས་ལ་འཁོར་ལོས་བསྒྱུར་མའོ། །ཀུ་ལུ་ཏཱ་ སྟེ་པུས་མོ་གཉིས་ལ་བརྩོན་འགྲུས་ཆེན་མོའོ། །སའི་ཁམས་ནི་ལྟུང་བར་བྱེད་མའོ། །ཆུའི་ཁམས་ནི་གསོད་པར་བྱེད་མའོ། །མེའི་ཁམས་ནི་འགུགས་པར་བྱེད་མའོ། །རླུང་ གི་ཁམས་ནི་གར་གྱི་དབང་ཕྱུག་མའོ། །ནམ་མཁའི་ཁམས་ནི་པད་མའི་དྲ་བ་ཅན་ནོ། །གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་ནི་རྡོ་རྗེ་ཉི་མའོ། །འདུ་ ཤེས་ཀྱི་ཕུང་པོ་ལ་པདྨ་གར་གྱི་དབང་ཕྱུག་གོ་འདུ་བྱེད་ཀྱི་ཕུང་པོ་ལ་རྡོ་རྗེ་རྒྱལ་པོའོ། །རྣམ་པར་ཤེས་པའི་ཕུང་པོ་ལ་རྡོ་རྗེ་སེམས་དཔའོ། །དེ་བཞིན་གཤེགས་པ་ [321B] །མིག་གཉིས་ལ་གཏི་མུག་རྡོ་རྗེའོ། །རྣ་བ་གཉིས་ལ་ཞེ་སྡང་རྡོ་རྗེའོ། །སྣ་གཉིས་ལ་ཕྲག་དོག་རྡོ་རྗེའོ། །ཁ་ལ་འདོད་ཆགས་རྡོ་རྗེའོ། །རེག་ལ་སེར་ སྣ་རྡོ་རྗེའོ། །སྐྱེ་མཆེད་ཐམས་ཅད་ལ་དབང་ཕྱུག་རྡོ་རྗེའོ་།ཐུགས་ལ་རྡོ་རྗེ་མི་བསྐྱོད་པ། །ཁ་ལ་རྡོ་རྗེ་འོད་དཔག་མེད་།སྐུ་ལ་རྡོ་རྗེ་རྣམ་སྣང་མཛད། །ཨོཾ་བཾ་ལྟེ་བ་ལ་རྡོ་རྗེ་ཕག་མོའོ། །ཧཱུཾ་ ཡོཾ་སྙིང་གར་ཡ་མི་ནཱའོ། །ཧྲཱིཾ་མོཾ་ཁ་ལ་རྨོངས་བྱེད་མའོ་།ཧྲིཾ་ཧྲིཾ་མགོ་བོ་ལ་སྐྱོད་བྱེད་མའོ། །ཧཱུཾ་ཧཱུཾ་སྤྱི་གཙུག་ལ་སྐྲག་བྱེད་མའོ། །ཕཊ་ཕཊ་ཡན་ལག་ཐམས་ཅད་ལ་མཚོན་ཆ་མ་སྟེ་གཏུམ་ བྱེད་མའོ། །དེ་ལྟར་རབ་ཏུ་དགོད་བྱས་ཏེ། །ཡེ་ཤེས་འཁོར་ལོ་དེ་མཐོང་ནས། །དེ་ཡི་རྣལ་འབྱོར་བརྩམ་པར་བྱ། །དངོས་པོ་ཀུན་གྱི་ངོ་བོ་འདིས། །མཛུབ་མོ་མདུད་བྱ་གུང་མོ་ངེས་པར་ སྦྱར༑ ༑མཐེ་བོང་རྡོ་རྗེ་བརྟན་པོར་རབ་སྦྱར་ཏེ། །དེ་ནི་དཔྲལ་བའི་དབྱིངས་སུ་རབ་སྦྱར་ནས། །བསྐོར་ཞིང་བསྐོར་ཞིང་ཀུན་ཏུ་བསྐོར་བར་བྱ། །རྐང་པ་མནན་ཅིང་གྱེན་དུ་བལྟ། །གྱེན་དུ་ ཕཻཾ་གྱི་སྒྲ་སྒྲོགས་པས། །ཕྱོགས་བཅུ་འཇིག་རྟེན་ཁམས་གནས་པའི་།དཔའ་བོ་རྣལ་འབྱོར་མ་རྣམས་འགུགས། །ཛཧཱུཾ་བཾ་ཧོརྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྦྱོར་བས་དགུག་པ་ དང༑ གཞུག་པ་དང། བཅིང་བ་དང། དབང་དུ་བྱའོ། །དཔའ་བོ་དང། རྣལ་འབྱོར་མ་རྣམས་ཀྱིས་ནམ་མཁའི་དཀྱིལ་ཡོངས་སུ་གང་བར་བལྟས་ཏེ། བདུད་རྩི་ལྔས་ཡོངས་སུ་ [322A]༄༅། །གང་བའི་བུམ་པས་མངོན་པར་དབང་བསྐུར་པའི་ཚུལ་གྱིས་དེ་དག་ལ་དབང་བསྐུར་བ་སྦྱིན་པར་བྱའོ། །ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང། །དེ་ བཞིན་གཤེགས་ཀུན་ཁྲུས་གསོལ་པའི། །ལྷ་ཡི་ཆུ་འདི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བཧི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཧཱུཾ་ཨཱཧཱུཾ། རླུང་དང་ མེའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ལས་བྱུང་བའི་ཐོད་པར་ཡེ་ཤེས་ལྔའི་བདུད་རྩི་གང་བ་ཆ་བཅུ་དྲུག་དང། ཧཱུཾ་བཾ་དང། ཨོཾ་གྱིས་བྱིན་གྱིས་བརླབས་ཏེ། ཡི་གེ་གསུམ་དུ་གྱུར་པར་ བསམས་ལ་འཁོར་ལོ་གསུམ་བསྒོམ་པར་བྱའོ། །ཨོཾ་ས་མ་ཡ་ཤུདྡྷསརྦ་དྷརྨ་ས་མ་ཡ་ཤུདྡྷོ་ཉ་ཧཾ། ཆོས་ཐམས་ཅད་ཀུན་ཏུ་རོ་གཅིག་པས་གནས་པར་སེམས་ཀྱིས་ བྱའོ༑ ༑ཡེ་ཤེས་བདུད་རྩི་སྤྱིན་པ་ཡིས། །ཡེ་ཤེས་བདུད་རྩིའི་ཆུ་བཏུང་ངོ། །ཨོཾ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུཾ་ཧཱུཾ་ཋ་ཋ་ལེ་ཧཱུཾ། ཨ་ཁཾ་ཧཱུཾ་ཕཊ་སཱཧཱ། ཡེ་ཤེས་བཟླས་པའི་སྦྱོར་བ་ཡིས། །འཁོར་ ལོའི་ཚོགས་མཆོག་སྤྲོ་བར་བྱ། །རུས་པ་ཆེན་པོའི་ཕྲེང་བ་ཡིས་།ཕྱིས་ནི་བཟླས་པ་དེ་གནས་བྱ། །སྲོག་དང་རྩོལ་བ་རབ་བསྡམས་ཏེ། །བསམ་ན་སྐད་ཅིག་གིས་འཆར་རོ། ། དབང་བསྐུར་མཆོད་དང་དམ་ཚིག་ནི། །རོ་གཅིག་བྱས་ཏེ་བསྒོམས་པ་ཡིས། །དེ་སྙིང་ཡེ་ཤེས་སེམས་དཔའ་དང། །མཆོད་པ་ཡེ་ཤེས་བདུད་རྩི་ཡིས། །ལུས་དང་ངག་ཡིད་ [322B] །སེམས་ནི་བསམ་མེད་ཤིན་ཏུ་བརྟག་བཟླས་དང་སྒོམ་པ་ཡང་དག་ལྡན། །རྟོག་པ་ཐམས་ཅད་རྣམ་སྤངས་ཏེ། །དམ་ཚིག་མཆོག་གི་བཟླས་པ་འདིས། །གསང་སྔགས་ རྒྱལ་པོའི་མཆོག་བཟླས་སོ། །ཨོཾ་བཻ་རོ་ཙཱ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སཱཧཱ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སཱཧཱ་ཨོཾ་དང་མིང་ནི་ཡང་དག་ལྡན། །ཧཱུཾ་ཧཱུཾ་ཕཊ་དང་ཡང་དག་ལྡན། །རབ་ཏུ་ གཏུམ་སོགས་དེ་སྔགས་སོགས། །བཟླས་པའི་མཆོག་ལ་སྦྱར་བར་བྱ་།ཨོཾ་བཛྲ་བཱ་ར་ཧི་པྲོ་ཏཾ་ག་པྲོ་ཏཾ་གེ། །ཧ་ན་ཧ་ན་པྲཱ་ཎཱཾ། ཀིཾ་ཀི་ཎི་ཁིཾ་ཁི་ཎི། དཧུ་ན་དཧུ་ན། བཛྲ་ཧ་སྟེ་ཤོ་ཥ་ཡ་ ཤོ་ཥ་ཡ། བཛྲ་ཁ་ཊཱཾ་ག་ཀ་པཱ་ལ་དྷ་རི་ཎི། མཧཱ་པི་ཤི་ཏ་མཱཾ་སཱ་ཤ་ནི། མ་ནུ་ཥཱནྟྲ་པྲཱ་བྲྀཏྟེ་སཱན་ནི་དྷྱཾ་ནར་ཤི་རོ་མཱ་ལཱ་གྲཱཾ་ཐི་ཏ་དྷཱ་རི་ཎི། སུཾ་བྷ་ནི་སུཾ་བྷ། ཧ་ན་ཧ་ན། པྲཱ་ཎཱཾ་སརྦ་པཱ་པཾ་སཏཱ་ ནཱཾ་སརྦ་པ་ཤཱུ་ནཱཾ་མཧཱ་སཙྪེ་ད་ནི། ཀྲོ་དྷ་མཱུརྟ་དཾཥྚ་ཀ་རཱ་ལི་ནི། མཧཱ་མུ་དྲི་ཤྲཱིཧེ་རུ་ཀ་དེ་བ་སྱ་གྲ་མ་ཧི་ཥི་ས་ཧ་སྲི་རེ་ས་ཧ་སྲ་བའེ་ཧ་བེ་ཤ་ཏ་ས་ཧ་སྲ་ཨཱ་ན་ནེ་ཛྭ་ལི་ཏ་ཏེ་ཛ་སེ་ཛྭ་ལ་མུ་ ཁེ་པ་ག་ལ། ལོ་ཙ་ནི་བཛྲ་ཤ་རཱི་རེ། བཛྲ་ཨཱ་ས་ནི་མི་ལི་མི་ལི། ཏི་མི་ལི་ཏི་མི་ལི། ཧེ་ཧེ། ཧ་ཧ། ཧཱུཾ་ཧཱུཾ། ཁ་ཁ། དཧུ་དཧུ། རུ་རུ། དཧུ་རུ་དཧུ་རུ། མུ་རུ་མུ་རུ། ཨ་དྲཻ་ཏེ་མཧཱ་ཡོ་གི་ནཱི་པ་ཋ་ཏི་སིདྡྷ་ དྲཻཾ་དཧི་དྲེཾཾ་དྷཾ་གྲཾ་གྲཾ་ཧེ་ཧེ་ཧ་ཧ། བྷཱི་མེ་ཧ་ས་ཧ་ས་བའི་རེ་ཧཱ་ཧཱ། ཧོཿ་ཧོཿ་ཧཱུཾ་ཧཱུཾ། ཏྲཻ་ལོ་ཀྱ་བི་ནཱ་ཤཱ་ནི་ཤ་ཏ་ས་ཧ་སྲ་ཀོ་ཊི་ཏ་ཐཱ་ག་ཏ་པ་རི་ཝཱ་རི་ཏེ་ཧཱུཾ་ཧཱུཾ་ཕཌ་སིཾ་ཧ་རུ་པེ་ཁ། ག་ཛ་རུ་པེ་གཏྲཻ་ལོ་ཀྱ་ [323A]༄༅། །ཨུ་ད་ར་མ་ཧཱ་ས་མུ་དྲ་མེ་ཁ་ལེ་གྲ་ས་གྲ་ས་ཧཱུཾ་ཧཱུཾ་ཕཊ། བའི་རཱི་དེ་ཏེ། ཧཱུཾ་ཧཱུཾ་ཧ་ཧཿ་མ་ཧཱ་པ་ཤུ་མོ་ཧ་ནི་མཧཱ་ཡོ་གའི་ཤྭ་རེ་ཏྭཾ། ཌཱ་ཀི་ནཱི་སརྦ་ལོ་ཀཱཾ་ནཾ་བནྡྷ་ནི་སདྱ་ པྲ་ཏྱ་ཡ་ཀཱ་རི་ཎི་ཧཱུཾ་ཧཱུཾ་ཕཊ། བྷཱུཾ་ཏ་ཏྲཱ་ས་ནི་མཧཱ་བའི་རེ་པ་ར་མ་སིདྡྷེ་ཡོ་གའི་ཤྭ་རི་ཕཊ། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སཱཧཱ། དེ་ལྟར་རྡོ་རྗེ་ཕག་མོའི་མཆོག་ཏུ་གྲུབ་པའི་སྙིང་པོ་དམ་པའོ། །ཨོཾ་ ན་མོ་བྷ་ག་བ་ཏི་བཛྲ་བཱ་ར་ཧི་བཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ནཱ་མ་ཨཱརྱ་པ་རཱ་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མཧཱ་བི་དཡེ་ཤྭ་རི་ཧཱུཾ་ཧཱུཾ་ཕཌ། ཨོཾ་ན་མ་སརྦ་བྷཱུ་ཏ་བྷ་ཡཱ་བ་ཏེ་མཧཱ་བཛྲེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲ་ས་ནི་ ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་བར་ཤྱཾ་ཀ་རི་ནེ་ཏྲ་བྷ་མ་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་ཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ན་ཀ་རཱ་ལེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མ་ནྲཱ་ས་རི་མཱ་ར་ཎི་སུ་པྲ་བཧེ་ད་ནི་པ་རཱ་ཛ་ཡེ་ཧཱུཾ་ཧཱུཾ་ཕཌ། ཨོཾ་ ན་མོ་ཛ་ཡེ་བི་ཛ་ཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧ་ནེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲ་བཱ་རཱ་ཧི་མ་ཧཱ་ཡོ་གི་ནཱི་ཀཱ་མེ་ཤྭ་རི་ཁ་གེ་ཧཱུཾ་ཧཱུཾ་ཕཊ། སྔགས་འདི་ཐམས་ཅད་དུ་བྱས་ཏེ། ཨཱ་ལི་ཀཱ་ལི་རྡོ་རྗེ་ཕག་ མོའི་བདག་ཉིད་ཀྱི་དངོས་པོར་བྱ་སྟེ། རྐང་པ་བརྒྱད་པ་ཆོ་གའི་བདག་ཉིད་ཀྱིས་མཆོད་པར་བྱའོ། །བཟླས་པ་ཡོངས་སུ་རྫོགས་ནས་ནི་།ཞི་བའི་བཏུང་བ་བཏུང་བའི་མཆོག་ ཆོས་རྣམས་མཉམ་ཞིང་དམ་ཚིག་མཆོག་སུམ་ཅུ་རྩ་བདུན་གནས་ཀྱི་མཆོག་དེ་འོག་རྣམ་པར་དག་པ་སྒོམ། །ལུས་རྗེས་སུ་དྲན་པ་མཁའ་འགྲོ་མའོ། །ཚོར་བ་རྗེས་སུ་དྲན་ [323B] །ཆོས་རྗེས་སུ་དྲན་པ་ཁཎྜ་རོ་ཧིའོ། །སེམས་རྗེས་སུ་དྲན་པ་རཱུ་པི་ནཱིའོ། །འདུན་པའི་རྫུ་འཕྲུལ་བསྐྱེད་པ་ནི་རབ་ཏུ་གཏུམ་མའོ། །བརྩོན་འགྲུས་རྫུ་འཕྲུལ་བསྐྱེད་པ་ནི་གཏུམ་ པའི་མིག་ཅན་མའོ། །སྤྱོད་པའི་རྫུ་འཕྲུལ་བསྐྱེད་པ་ནི་འོད་ལྡན་མའོ། །སེམས་ཀྱི་རྫུ་འཕྲུལ་བསྐྱེད་པ་ནི་སྣ་ཆེན་མའོ། །དད་པའི་དབང་པོ་ནི་བརྟན་པའི་བློ་ཅན་མའོ། །བརྩོན་འགྲུས་ ཀྱི་དབང་པོ་ནི་མིའུ་ཐུང་མའོ། །དྲན་པའི་དབང་པོ་ནི་ལང་ཀའི་དབང་ཕྱུག་མའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་ཤིང་གྲིབ་མའོ། །ཤེས་རབ་ཀྱི་དབང་པོ་ནི་ས་སྲུང་མའོ། །དད་པའི་ སྟོབས་ནི་འཇིགས་བྱེད་ཆེན་མོའོ། །བརྩོན་འགྲུས་ཀྱི་སྟོབས་ནི་རླུང་གི་ཤུགས་ཅན་མའོ། །དྲན་པའི་སྟོབས་ནི་ཆང་འཐུང་མའོ། །ཏིང་ངེ་འཛིན་གྱི་སྟོབས་ནི་ལྗང་ལྷ་མོའོ། །ཤེས་ རབ་ཀྱི་སྟོབས་ནི་ཤིན་ཏུ་བཟང་མོའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་རྣ་མའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་བྱ་གདོང་མའོ། །དགའ་བ་ ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་ཤུགས་ཅན་མའོ་།ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དུ་མ་སྐྱེས་མའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ ཆུབ་ཀྱི་ཡན་ལག་ནི་ཆང་འཚོང་མའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་གོ་ཆ་མའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤིན་ཏུ་དཔའ་མོའོ། ། [324A]༄༅། །ཡང་དག་པའི་ལྟ་བ་ནི་སྟོབས་ཆེན་མའོ། །ཡང་དག་པའི་རྟོག་པ་ནི་འཁོར་ལོས་བསྒྱུར་མའོ། །ཡང་དག་པའི་ངག་ནི་བརྩོན་འགྲུས་ཆེན་མོའོ། །ཡང་ དག་པའི་ལས་ཀྱི་མཐའ་ནི་ཁྭ་གདོང་མའོ། །ཡང་དག་པའི་འཚོ་བ་ནི་འུག་གདོང་མའོ། །ཡང་དག་པའི་རྩོལ་བ་ནི་ཁྱི་གདོང་མའོ་།ཡང་དག་པའི་དྲན་པ་ནི་ཕག་གདོང་མ་ སྟེ༑ རྣམ་པར་ཐར་པའི་སྒོ་བཞིའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་བཅོམ་ལྡན་འདས་རྡོ་རྗེ་ཕག་མོའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པར་བྱེད་པ་ནི་གཤིན་རྗེ་ བརྟན་མའོ། །དགེ་བའི་ཆོས་སྐྱེས་པ་རྣམས་རྗེས་སུ་གནས་པ་དང་སྲུང་བར་བྱེད་པ་ནི་གཤིན་རྗེའི་ཕོ་ཉ་མའོ། །མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བར་བྱེད་པ་ནི་གཤིན་ རྗེ་མཆེ་བ་མའོ། །མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེ་བར་བྱེད་པ་ནི་གཤིན་རྗེ་འཇོམས་མའོ། །ཆོས་བདག་མེད་པའི་ལམ་གནས་སུ་།དཀྱིལ་འཁོར་དམ་པར་ བཞུགས་པ་ནི། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །དེ་བཞིན་རྣལ་འབྱོར་པ་གནས་བྱ། །སྣང་བ་མེད་པའི་གནས་ལ་གནས། །སྣང་བ་མེད་ལ་ཡང་དག་བརྟེན། །སྤྱོད་པ་མེད་པའི་ ཆོས་རྣམས་ལ། །ཆོས་ཅན་མེད་ཅིང་ཆོས་ཉིད་མེད། །རྟེན་འབྲེལ་མཁའ་དང་མཉམ་པའི་ཆོས། །དངོས་མེད་མཚན་མ་མེད་པའོ། །འདི་ནི་དེ་ཉིད་གོ་འཕང་གནས། །ཡེ་ཤེས་དག་ [324B] །ཕྲ་རབ་རྡུལ་བྲལ་དང་མཉམ་པ་།འཁོར་ལོའི་གནས་མཐོང་ཤིན་ཏུ་ངེས། །སྐྲ་རྩེ་སྟོང་ཕྲག་བརྒྱ་ཡིས་ནི། །ཆ་དང་ཆ་རུ་ཡོངས་སུ་བརྟག་ཧེ་རུ་ཀ་དང་རྣལ་འབྱོར་ མ༑ ༑ལྷན་ཅིག་བྷ་གའི་གནས་མཐོང་བ། །འཁོར་ལོས་བསྒྱུར་བ་རབ་བརྩོན་པས། །ཁྭ་གདོང་མ་ནི་ཕྱི་རོལ་དགོད། །ཧེ་རུ་ཀ་སོགས་བདག་པོ་ཁྱོད། །མཁའ་འགྲོ་བཞི་ཡིས་ཡོངས་ སུ་བསྐོར། །ཕན་ཚུན་དུ་ནི་བདག་པོ་བྱེད། །རྡོ་རྗེ་སེམས་སོགས་སྦྱོར་བར་ལྡན། །ཕྱི་རོལ་དུར་ཁྲོད་དྲག་པོ་དང། །ཁ་དོག་སྣ་ཚོགས་མཆོག་གི་མཆོག་ཤིང་མཆོག་སྣ་ཚོགས་ མཛེས་པ་དང། །ཁྱི་དང་ཅེ་སྤྱང་འཇིགས་པ་དང། །ཁྭ་དང་འུག་པ་བྱ་གར་རྒོད། །ཅེ་སྤྱང་དེ་བཞིན་རོ་བསྲེགས་པ། །ཀེང་རུས་གསལ་ཤིང་གིས་ཕུག་དང། །འགེགས་ནས་འཕྱང་ དང་ཕྱེད་བསྲེགས་དང། །ཐོད་པ་སྐམ་པོ་པུས་མོ་དང། །མགོ་མེད་ལག་ན་ཐོད་པ་དཀར། །རྣམ་པ་སྣ་ཚོགས་སྦྲུལ་གྱིས་མཛེས། །དྲག་པོའི་སྦྲུལ་དང་དེ་བཞིན་རྔ། །སེང་གེ་ ཕག་དང་སྟག་དང་ནི། །དེ་བཞིན་ར་དང་ལུག་དག་དང། །གླང་པོ་རྟ་དང་བོང་བུ་དང། །རྔ་མོ་སྣ་ཚོགས་དམ་ཚིག་མཆོག་རྣམ་པ་སྣ་ཚོགས་ཆང་དང་ནི། །འབྲུ་ཆང་བཏུང་བའི་ མཆོག་རྣམས་ཀྱིས། །དབང་པོ་བཟང་པོ་འདུས་པ་དང། །སྣ་ཚོགས་རྣལ་འབྱོར་མ་ཚོགས་དང། །ཐོད་པ་ཁ་ཊཱཾ་ག་དག་དང། །གྲི་གུག་ཅང་ཏེའུ་མཆོག་རྣམས་འཛིན། །སྣ་ཚོགས་ [325A]༄༅། །རོལ་མོ་བཟང་པོ་དང། །བཟའ་བའི་རོ་མཆོག་ལོངས་སྤྱོད་དང། །སྣ་ཚོགས་འོ་དང་འཁྱུད་པ་དང། །བཅའ་དང་བལྡག་པའི་མཆོག་རྣམས་ཀྱིས།། རྣམ་པ་དེ་ལྟར་དུར་ཁྲོད་ནི། །གནོད་སྦྱིན་རོ་ལངས་སྲིན་པོ་རྣམས་།ཧེ་རུ་ཀ་ཡི་ང་རྒྱལ་གྱིས། །དེ་ལ་གཏོར་མ་སྦྱིན་པར་བྱ། །ཅང་ཏེའུ་རྡོ་རྗེ་དྲིལ་བུ་དང། །གར་དང་རོལ་མོ་བྱེད་པ་ དང༑ ༑ཕྱོགས་ཀྱི་གོས་ཅན་ཕྱག་རྒྱར་ལྡན། །ཧཱུཾ་ཧཱུཾ་ཕཊ་ཀི་ལི་ཀི་ལ་བྱ། །གཡས་བརྐྱང་པ་ཡི་སྦྱོར་བ་ཡིས། །འབར་བའི་ཕྱག་རྒྱ་བཅིང་བར་བྱ། །དམ་ཚིག་ཁ་རུ་བཅུག་ནས་ནི། ། སྔགས་འདི་རྗེས་སུ་དྲན་པར་བྱ། །ཨོཾ་ཨཱ་ར་ལི་ཧོ། །བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོ། །དེ་སྐད་གསུམ་དང་བཞི་དང་ལྔ་བརྗོད་པར་བྱའོ། །གཡས་སྐོར་དང་གཡོན་སྐོར་གྱིས་ཀྱང་ ཐོད་པའི་ནང་གི་སྦྱིན་པར་བྱ་བ་རྣམས། །རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ་སྔགས་འདི་བརྗོད་དོ། །ཨོཾ་ཁ་ཁ་ཁཱ་ཧི་ཀཱ་ཧི་སརྦ་ཡཀྵ་རཀྵ་ས་སརྦ་བྷཱུ་ཏ་པྲེ་ཏེ་པི་ཤཱ་ཙ་ཨུ་ན་མཱ་ད་ཨ་པ་སྨཱ་ར་ ཌཱ་ཀ་ཌཱ་ཀི་ནྱ་ད་ཡ་ཨི་མཾ་བ་ལིཾ་གྲྀ་ཧྞཾ་ཏུ། ས་མ་ཡ་རཀྵ་ནྟུ་མ་མ་སརྦྦ་སིད་དྷིམྨེ་པྲ་ཡཙྪན་དུ། ཡ་ཐཻ་བཾ་ཡ་ཐེཥྚཾ་མཱུཉྫ་ཐཱ། པི་བ་ཐོ་ཛ་བཧྲ་ཐ་མཱ་ཏི་ཀྲ་མ་ཐཱ། མ་མ་སརྦྦ་ཀརྟྟཱ་ཡ་ས་ཚུ་ཁཾ། བི་ཤུད་ དྷཱ་ཡ་ས་ཧཱ་ཡི་ཀ་བྷ་བནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཱཧཱ། དེ་ལྟར་ཆོ་ག་དང་ཆོགས་ཐུན་མཚམས་བཞིར་སྦྱིན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ [325B] དངོས་པོ་མེད་པའི་བདག་ཉིད་ཆོས། །ནམ་མཁའ་ལྟ་བུ་དྲི་མ་མེད། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡིས། །སྟོང་པ་ཤིན་ཏུ་རྣམ་པར་བསྒོམ། །ལེགས་ སོ་ཞེས་ནི་བྱ་བ་བྱིན། །རྒྱུད་རྫོགས་པ་ཡི་སྦྱོར་པ་ལས། །ལེགས་སོ་ལེགས་སོ་ཡེ་ཤེས་ཆེ། །བཤད་པའི་རྒྱུད་ཕྱི་མ་ལས། ཕག་མོ་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཛྙཱ་ནཱ་ཀ་རའི་ཞལ་སྔ་ནས་དང། ཞུ་ཆེན་གྱི་ལོཙྪ་བ་ཁུ་སྟོན་དངོས་གྲུབ་ཀྱིས་བསྒྱུར་ཏེ་གཏན་ལ་ཕབ་པ།།